您的位置: 网站首页 >> 新闻中心 >> 正文

སྐོར་ཞིབ་སྤྱི་བསྒྲགས།巡视公告

发布日期:2020年08月07日     资料来源:天上阿里      点击数:次    【字体:

打印分享到:

སྐབས་དགུ་པའི་ལྗོངས་ཏང་ཨུད་ཀྱི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ལས་ཀའི་བཀོད་སྒྲིག་གཞིར་བཟུང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ཚོ་ཆུང་བཅུ་བཞི་པས་ཟླ་8ཚེས་5ནས་ཟླ་9ཚེས་14ཉིན་བར་མངའ་རིས་ས་ཁུལ་ལ་སྐོར་ཞིབ་བྱ་རྒྱུ་ཡིན།

ལྟ་སྐུལ་བྱེད་པའི་ནང་དོན་གཙོ་བོ།ཆབ་སྲིད་ཀྱི་ལྟ་སྐུལ་བླང་བྱ་ལྟར་གཙོ་གནད་དུ་ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱས་ཚུལ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་བྱས་ཚུལ། སྐོར་ཞིབ་དང་རྩིས་བཤེར་། དེ་བཞིན་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་རྒྱུའི་བརྗོད་དོན་གཙོ་བོའི་སློབ་གསོའི་དག་ཐེར་ལེགས་བཅོས་དོན་འཁྱོལ་བྱས་ཚུལ་བཅས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་དང་། མངའ་རིས་ས་ཁུལ་དང་དེའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པར་དམིགས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་གི་འགན་འཁྲིའི་གནད་དོན་དང་། རུལ་སུངས་ཀྱི་གནད་དོན། སྤྱོད་ཚུལ་གྱི་གནད་དོན་ཐད་འཚོལ་ཞིབ་གཏིང་ཟབ་བྱ་རྒྱུ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་ཆེ་བའི་གནད་དོན་འཚོལ་ཞིབ་བྱ་རྒྱུ། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་དམིགས་བསལ་ཆེ་བ་དང་དཀའ་ཚེགས་ཆེ་བའི་གནད་དོན་འཚོལ་ཞིབ་བྱ་རྒྱུ། མངའ་རིས་ས་ཁུལ་གྱི་བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ལ་ཚོད་འཛིན་ཐེབས་པའི་ཡོངས་ཁྱབ་རང་བཞིན་དང་ཐུན་མོང་རང་བཞིན་གྱི་གནད་དོན་ལ་སྐུལ་སྤེལ་དང་ཐག་གཅོད་བྱ་རྒྱུ། བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་དབུལ་གྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་དམག་འཐབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱ་རྒྱུ་བཅས་རེད།

ཡིག་སྐུར་ངོ་བཅར་བདག་སྤྲོད་བྱེད་པའི་ཁྱབ་ཁོངས། མངའ་རིས་ས་ཨུད་དང་། མི་དམངས་འཐུས་ཚོགས་ས་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་། སྲིད་འཛིན་ཀུང་ཧྲུའུ། སྲིད་གྲོས་ཏང་ཙུའུ་བཅས་ཀྱི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། ལྷག་པར་དུ་འགན་འཁུར་མི་སྣ་གཙོ་བོ་དང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་འགན་འཁུར་མི་སྣ་གཙོ་བོ་དང་། གཤམ་འོག་རིམ་པའི་ཏང་སྲིད་ཀྱི་འགན་འཁུར་མི་སྣ་གཙོ་བོ་བཅས་ཀྱི་གནད་དོན་ལ་ཡིག་སྐུར་དང་། ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན།

ཡིག་སྐུར་ངོ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད།ཟླ་8ཚེས་6ཉིན་ནས་ཟླ་9ཚེས་11ཉིན་བར། ཉིན་རེའི་ཆུད་ཚོད་10:00-13:00བར་ཡིན།

ཡིག་སྐུར་ངོ་བཅར་བདག་སྤྲོད་བྱེད་སྟངས།འབྲེལ་གཏུག་ཁ་པར།0897 2830689སྦྲག་སྲིད་ཡིག་སྒམ།སེང་གེ་ཁ་འབབ་གྲོང་རྡལ་གྱི་ཡིག་སྒམ་ཨང་རྟགསD001

རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ནས་ཡིག་སྐུར་དང་ཁ་པར། ངོ་བཅར་བཅས་ཀྱི་ཐབས་ལམ་བརྒྱུད་དེ་གནད་དོན་གསལ་ཞུ་དང་། ཁུངས་སྣེ་འདོན་སྤྲོད་གནང་རྒྱུར་དགའ་བསུ་ཞུ།

ཆེད་དོན་དུ་སྤྱི་བསྒྲགས་བྱས་པ།


བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་ཞིབ་ཚོགས་ཆུང་14པ་ནས།

2020ལོའི་ཟླ་8ཚེས་5ཉིན།


根据九届区党委第八轮巡视工作安排,区党委第十四巡视组将于8月5日至9月14日对阿里地区开展巡视。

监督主要内容:按照政治监督要求,重点检查落实党的路线方针政策、党中央重大决策和区党委重要部署情况,落实全面从严治党战略部署情况,落实新时代党的组织路线情况,落实巡视、审计以及“不忘初心、牢记使命”主题教育整改情况,聚焦阿里地区、领导班子和领导干部,深入查找贯彻落实中的责任问题、腐败问题、作风问题,查找形式主义、官僚主义突出问题,查找与群众利益密切相关的痛点难点问题,推动解决制约阿里地区改革发展稳定的普遍性、共性问题和深层次问题,推动改革、促进发展,为决战决胜脱贫攻坚和全面建成小康社会提供有力政治保障。

信访受理范围:反映阿里地委和人大地区工委、行署、政协党组领导班子及其成员特别是主要负责人,人民法院、人民检察院党组主要负责人,下一级党政主要负责人问题的来信、来电、来访。

信访受理时间:8月6日—9月11日,每日上午10:00至13:00,下午16:30至19:00。

信访受理方式联系电话:0897-2830689邮政信箱:狮泉河镇D001号信箱

欢迎广大干部群众来信、来电、来访,反映问题、提供线索。

特此公告。

 

自治区党委第十四巡视组

2020年8月5日

རྩོམ་སྒྲིག་འགན་འཁུར་བ། ནོར་བུ་རྒྱལ་མཚན།

责任编辑:罗布加参

上一条:中央网信办、教育部联合启动涉未成年人网课平台专项整治

下一条:《政府工作报告》少数民族文字单行本出版